བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་གསར་བསྡུའི་གསལ་བསྒྲགས།
༄༅། །བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུའི་ལས་གཞི་ནི། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཁྱབས་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་སྟངས་འཛིན་བྱས་པའི་འོག རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་མི་ཆེད་ལས་པ་དང་། མཐོ་སློབ་ཀྱི་སློབ་མ། ལས་ཡོལ་མི་སྣ་མཁས་རྩལ་ཅན་ནས་སྤྱི་སྒེར་གཉིས་སྨན་ལ་དམིགས་ཏེ། ཁྱད་ལས་པ་རྣམས་ཀྱི་རང་གི་ཤེས་རྩལ་ནུས་སྟོབས་དང་མཚམས་པའི་དྭང་བླངས་ཞབས་འདེགས་ཞུ་རྒྱུའི་སྡིངས་ཆ་ཞིག་ཡིན། རྩིས་ལོ་ ༢༠༢༤།༢༠༢༥ ལོའི་བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུའི་ལས་གཞི་མུ་མཐུད་གོ་སྒྲིག་ཞུ་གཏན་འཁེལ་བ་བཞིན་གཤམ་གསལ་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༣༠ འགྱངས་མེད་ཞུ་སྙན་འབུལ་དགོས། ཀ། དགོས་ངེས་ཆ་རྐྱེན། ༡། རང་ཉིད་བོད་པ་ཡིན་པའམ། ཕ་མ་གང་རུང་བོད་པ་ཡིན་དགོས། ༢། མཐོ་སློབ་སློབ་མུས་སམ་ཐོན་ཟིན་པ། ལས་ཐོག་གམ་ལས་ཡོལ་ཟིན་པའི་ཆེད་ལས་པ་ཡིན་དགོས། ༣། རང་གི་ཆེད་ལས་སམ་སློབ་ཚན་ལ་རང་རྐྱ་འཕེལ་བ། ༤། ཉུང་མཐར་ཟླ་གསུམ་ནས་ལོ་གཅིག་རིང་དྭང་ཞབས་བྱེད་འདོད་ཀྱི་འདུན་པ་ཡོད་པ། ཁ། སྙན་ཞུ་འབུལ་ཕྱོགས། ༡། ཞུ་སྙན་འགེངས་ཤོག་བོད་མིའི་དྭང་བླངས་ཞབས་ཞུའི་དྲ་ཐོག་ (www.tibetcorps.org) ནས་བཀང་ཐུབ། ༢། རང་གི་ལོ་རྒྱུས་སྙིང་བསྡུས་དང་སྙན་ཞུ་མཉམ་སྦྱར་ཞུ་དགོས། ༣། ད་སྟའི་ཆར་ལས་ཞབས་ཞུ་མུས་ཡིན་ཚེ་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར་གནང་དགོས། ག དྭང་ཞབས་པའི་གོ་སྐབས། ༡། དྭང་ཞབས་ཞུ་ཡུལ་ནི། བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་མ་ལག་ཁག་དང་། སློབ་གྲྭ། ས་གནས་སྨན་ཁང་བཅས་ཡིན། ༢། དྭང་ཞབས་རྣམས་ལ་བོད་མིའི་སྒྲིག་འཛུགས་དང་། ལས་ཁུངས་ཁག་གི་ངོ་སྤྲོད་དང་ལམ་སྟོན་བྱ་རྒྱུ། ༣། ཞབས་ཞུའི་རིང་འཚོ་དོད་ཟླ་རེར་ཧིན་སྒོར་ ༧༠༠༠ དང་། སྡོད་གནས་ཀྱི་མཐུན་འགྱུར་བྱ་རྒྱུ། ༤།…